甘南拉卜楞网城互联网科技有限公司
ལས་ཞུགས་ཞབས་ཞུ་ཡག་པོ་བསྒྲུབས་ནས་དམངས་འཚོའི་མཐའ་ཐིག་སྲུང་བ།
发布时间:2019-08-30 发布者:中国藏语广播CNR

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལས་ཞུགས་ནི་དམངས་འཚོ་གལ་ཆེ་ཤོས་དེ་ཡིན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལས་ཞུགས་སྔོན་འགྲོར་བརྩི་བའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་རྒྱུན་འཁྱོངས་ཀྱིས། སྤུས་ཚད་མཐོ་བ་དང་དེ་བས་ལེགས་པའི་ཐོག་ནས་ལས་ཞུགས་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ལོ་འདི་ཤར་ཚུན་ས་གནས་ཁག་གིས་མི་དམངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི་བྱ་སྤྱོད་ཧུར་ཐག་སྤེལ་ཡོད་པ་དང་། ལས་ཞུགས་ཞབས་ཞུ་དང་ཟུར་སྐྱོར་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གནས་གཏོད་པ་དང་།  ལས་ཞུགས་ཀྱི་བར་ཁམས་རྒྱ་བསྐྱེད་ཧུར་ཐག་བཏང་ནས། ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུར་འགན་སྲུང་བྱས་པ་དང་། དམངས་འཚོའི་མཐའ་ཐིག་སྲུང་ཡོད་པ་རེད།

ཨན་ཧུའེ་ནོར་དཔལ་ལས་རིགས་སློབ་གླིང་གི་ནུས་མང་ཚོགས་ཁང་ནང་། དམིགས་བསལ་གྱི་སྲིད་ཇུས་མཛུབ་ཁྲིད་ཆེད་དོན་འཆད་ཁྲིད་ཅིག་བྱེད་བཞིན་ཡོད། ཚོགས་ར་དངོས་སུ་ཡོད་པའི་སློབ་མ་ཕུད་ད་དུང་ཞིང་ཆེན་དེའི་མཐོ་རིམ་སློབ་གྲྭ་གཞན་གྱི་སློབ་མ་ཆིག་འབུམ་ལྔ་ཁྲི་ཡིས་དྲ་ཐོག་ཐད་གཏོང་ལ་བལྟས་ཡོད་པ་རེད། ཨན་ཧུའེ་ཞིང་ཆེན་ཤེས་ལྡན་མི་སྣའི་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཝུ་ཁྲོན་ཧྭ་ཡིས་ངོ་སྤྲོད་བྱས་པར། མིག་སྔར་ལས་ཞུགས་ཞབས་ཞུའི་ས་ཐོག་ས་དངོས་ཀྱི་མཛུབ་ཁྲིད་ཐེངས་གྲངས་70ལྷག་ཙམ་བྱས་ནས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་རིགས་རྩལ་ནུས་མཐོར་འདེགས་དང་། ལས་འཚོལ་ནུས་པ་མཐོར་འདེགས་བཏང་ཡོད། ལས་ཞུགས་མཛུབ་སྟོན་ཆེད་མཁས་པ་རྣམས་ཁེ་ལས་དང་། སྤྱི་པའི་ལས་ཞུགས་ཞབས་ཞུ་ལས་ཁུངས། མཐོ་རིམ་སློབ་གྲྭ་བཅས་ནས་ཕེབས་པ་དང་། ཁོང་རྣམ་པས་སློབ་གྲྭའི་ཕྱི་ནང་གི་གནས་ཚུལ་ཁག་སློབ་གྲྭ་ཆེན་མོ་བ་རྣམས་ལ་ངོ་སྤྲོད་གནང་ཐོག ཁོ་ཚོས་ལས་ཞུགས་དུས་བབ་རྟོགས་པ་དང་། ཁོ་ཚོའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་ཐབས་བྱས་པ་དང་། དེ་བས་ལེགས་པའི་ཐོག་ནས་མི་བཀོལ་སྤྱོད་ཚན་པ་དང་སྦྲེལ་མཐུད་ཐུབ་ཐབས་བྱས་ཡོད། 

ལས་ཞུགས་མཛུབ་ཁྲིད་ཆེད་དོན་འཆད་ཁྲིད་ནི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཐོན་སློབ་མར་དམིགས་པའི་ཟུར་སྐྱོར་བྱ་ཐབས་ཀྱི་གྲས་ཤིག་རེད། ད་ལོ་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་མི་འབོར་སླར་ཡང་མང་ཤོས་ལ་སླེབས་པ་དང་། ཁྱོན་སློབ་མ་ས་ཡ་བརྒྱད་དང་སུམ་འབུམ་བཞི་ཁྲི་ཐོན་ཡོད་པ་རེད། སློབ་གྲྭ་ཐོན་ཡང་ལས་ཞུགས་མ་ཐུབ་པའི་སློབ་ཐོན་སློབ་མའི་གནད་དོན་ཐག་གཅོད་བྱེད་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ས་གནས་ཁག་གིས་ལས་ཞུགས་ཀྱི་འདུན་པ་ཡོད་པ་དང་། སློབ་གྲྭ་ཐོན་ཡང་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་རྣམས་ཁྱོན་ཡོངས་ནས་ལས་ཞུགས་ཟུར་སྐྱོར་བྱ་ཡུལ་ནང་བཅུག་ནས། གཞི་རིམ་དུ་ལས་ཞུགས་དང་། ཁེ་ལས་སུ་ལས་ཞུགས། སྟབས་བསྟུན་ལས་ཞུགས་སོགས་ལས་ཞུགས་རྒྱ་བསྐྱེད་གཏོང་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་འདེད་སེའི་སེ་ཀྲང་ཀྲང་ཡིང་གིས་ངོ་སྤྲོད་གནང་བར། ང་ཚོས་ལས་ཞུགས་མཛུབ་ཁྲིད་ཀྱི་ཡོངས་བསྒྲགས་སློབ་ཚན་རབ་དང་རིམ་པ་དྲ་ཐོག་ཏུ་གཏོང་རྒྱུ་དང་། ཆབས་ཅིག་དྲ་ཐོག་འདྲི་རྩད་བྱ་ཡུལ་བཀོད་སྒྲིག་བྱ་རྒྱུ་ཡིན། ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་སློབ་ཐོན་སློབ་མ་རྣམས་ལ་ལས་ཞུགས་སྲིད་ཇུས་དང་། ལས་ཀ་འཚོལ་ཐབས། ལས་ཞུགས་འགྲོ་ལུགས་སོགས་ཀྱི་ཐད་ནས་མཛུབ་ཁྲིད་བྱས་ཐོག ཁོ་ཚོར་ལས་ཞུགས་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས། ད་ལོའི་ཟླ་བ་9པ་ནས་11པའི་བར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་རྒྱུ་དང་། དྲ་ཐོག་དང་ཡུལ་དངོས་དང་། ས་ཁོངས་ལས་བརྒལ་ནས་བསྐོར་སྐྱོད་ཐོག་ལས་མི་བསྡུ་འགུགས་བྱས་ནས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་རྣམས་ཀྱི་ལས་ཞུགས་ཐད་ཀྱི་ཞབས་ཞུ་འགན་སྲུང་བྱ་རྒྱུ་རེད་ཅེས་གསུངས་འདུག

      མཐོ་སློབ་སློབ་ཐོན་སློབ་མ་ཕུད། ས་གནས་ཁག་གི་ཞིང་པ་ལས་མི་དང་། དམག་ཞབས་ཐིམ་པའི་མི་སྣ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ཟུར་སྐྱོར་ལས་དོན་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་སྒྲུབ་བཞིན་ཡོད་པ་རེད། ད་ལོའི་ཟླ་བ་5པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2019ལོ་ནས་2021ལོའི་བར་གྱི་ལས་རིགས་རྩལ་ནུས་མཐོར་འདེགས་བྱ་སྤྱོད་ཇུས་གཞི་ཞེས་པ་བཀྲམ་པ་དང་། ས་གནས་ཁག་གིས་ཀྱང་ལག་བསྟར་ཇུས་གཞི་བཏོན་ཡོད། ལག་ཤེས་རྩལ་ནུས་མེད་པའི་ངལ་རྩོལ་པ་རྩལ་ནུས་གཅིག་ལྡན་པར་འགྱུར་བ་བྱ་རྒྱུ་དང་། རྩལ་ནུས་མི་འདང་བའི་ངལ་རྩོལ་པའི་རྩལ་ནུས་གོང་མཐོར་གཏོང་རྒྱུ་དེ་ལས་ཞུགས་བརྟན་པོ་རྒྱུན་འཁྱོངས་དང་། གྲུབ་གཞིའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་རིགས་ནུས་པ་འཛུགས་སྐྱོང་སེའི་སེ་ཀྲང་ཀྲང་ལི་ཤིན་གྱིས། ལོ་གསུམ་ནང་རང་རྒྱལ་གྱིས་སྤེལ་བའི་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་སྤྲད་པའི་མིའི་ཐེངས་གྲངས་བྱེ་བ་ལྔ་ཡན་ཟིན་རྒྱུ་རེད་ཅེས་གསུངས་འདུག

ལས་ཞུགས་དུས་བབ་བརྟན་པོ་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་གྱི་རྒྱུན་མཐུད་གོང་འཕེལ་དང་ཁ་བྲལ་ཐབས་མེད། ལས་ཞུགས་ཞབས་ཞུ་དང་ཟུར་སྐྱོར་ལས་དོན་སྒྲུབ་པ་དང་ཆབས་ཅིག ས་གནས་ཁག་གིས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་། ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་བ་སོགས་ཀྱི་བྱ་ཐབས་ཐོག་ནས། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གནས་གཏོད་པ་དང་། ལས་ཞུགས་བར་ཁམས་རྒྱ་བསྐྱེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།

     ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་པ་དང་བསྟུན་ནས། ལས་གནས་གསར་པ་དང་། ལས་རྣམ་གསར་པ། འགུལ་ནུས་གསར་པ་བཅས་སྔར་བས་སྟོབས་ཆེར་འགྲོ་བ་དང་། ལས་ཞུགས་ཀྱི་ལྐོག་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་བཞིན་ཡོད། རྒྱལ་ཁབ་བསྡོམ་རྩིས་ཅུད་ཀྱི་གྲངས་གཞིར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་བཀོད་བྱས་ཚད་བརྒྱ་ཆ་5ཡི་གཡས་གཡོན་དུ་ཚོད་འཛིན་ཐུབ་ཡོད་པ་དང་། ད་ལོའི་ཟླ་བ་1པོ་ནས་7པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་འབོར་ས་ཡ་བརྒྱད་དང་དྲུག་འབུམ་བདུན་ཁྲི་ཟིན་པ་དང་། ལོ་ཧྲིལ་པོའི་འཆར་གཞིའི་བརྒྱ་ཆ་79ཟིན་ཡོད་པ་རེད། ཀྲུང་གོའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་མོ་རུང་གིས། ད་ལོའི་ལོ་སྟོད་དུ་འཐབ་ཇུས་རང་བཞིན་གྱི་གསར་དར་ཞབས་ཞུའི་ལས་རིགས་དང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས། ཚན་རྩལ་ཞབས་ཞུའི་ལས་རིགས་བཅས་ཀྱི་ལས་གཉེར་ཡོང་འབབ་འཕར་ཚད་བརྒྱ་ཆ12ལས་བརྒལ་ཡོད་པ་རེད། སྣེ་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཀྱི་གསར་གཏོད་གསར་སྐྲུན་གྱི་མཉམ་ཤུགས་འགྲན་རྩོད་དྲག་ཏུ་འགྲོ་བ་དང་བསྟུན་ནས། ལས་གནས་གསར་པ་དང་ལས་རིགས་གསར་པ་མང་པོ་ཐོན་ཡོད་ཅེས་གསུངས་འདུག 